ཚན་རིག།

དྲ་ཚིགས་བཟོ་པའི་སྤྱིར་བཏང་གི་གོ་རིམ་སྐོར་བརྗོད་པ།

  དུས་ཀྱི་འཕེལ་འགྲོས་དང་བསྟུན་ནས་བོད་ཡིག་གི་དྲ་ཚིགས་བཟོ་པའི་ཚ་རླབས་ཞིག་ངང་གིས་འཕྱུར་ཡོང་བ་དང་དྲ་ཚིགས་བཟོ་བ་ནི་ཚད་མཐོ་བའི་དྲ་རྒྱའི་ལག་རྩལ་གྱི་རྣམ་གྲངས་ཤིག་ཡིན་པའི་ཆ་ནས། འདི་ནས་ཕྲན་ཆུང་གིས་རང་རིགས་ཀྱི་གསར་སྐྱེས་ན་གཞོན་དང་ནང་སྒོས་སུ་དྲ་རྒྱའི་ཕྱོགས་ལ་བློ་ཁ་ཕྱོགས་མཁན་དག་ལ་རང་ཉིད་ཀྱི་ཉམས་མྱོང་གཙོ་བྱས་ཏེ་མི་ཤེས་ཤེས་ཁུལ་གྱི་དྲ་ཚིགས་བཟོ་པའི་སྤྱིར་བཏང་གི་གོ་རིམ་རྣམས་རགས་ཙམ་བཤད་པར་བྱ།  གཅིག དྲ་ཚིགས་ཀྱི་བརྗོད་སྙིང་དང་མཚན་བྱང་
གཏན་འཁེལ་བྱེད་པ།  བརྗོད་སྙིང་ལ་རང་སྟེང་གི་ཁྱད་ཆོས་ལྡན་དུ་འཇུག་དགོས།  དྲ་བ་གང་ཡིན་ཡང་རང་རང་ལ་ཁྱད་ཆོས་རེད་ལྡན་དགོས་ཤིང་ནང་དོན་གྱི་ཐད་ལའང་དགོས་ངེས་དང་གཙོ་བཏུས། ཕུན་སུམ་ཚོགས་པ་བཅས་ཡིན་དགོས། དྲ་རྒྱའི་ཆེས་འབུར་ཐོན་གྱི་དགེ་མཚན་ནི་ཆེས་གསར་བ་དང་ཆེས་མགྱོགས་པ་དེ་ཡིན། མིག་སྔར་ཆེས་དགའ་བསུ་ཐོབ་པའི་གཙོ་ངོས་དག་ནི་ཉིན་རེར་གསར་བསྒྱུར་བྱེད་པའམ་སྐབས་ཐོག་ཏུ་གསར་བསྒྱུར་བྱེད་པའི་དྲ་ཚིགས་དག་རེད། བོད་ཡིག་དྲ་ཚིགས་དག་ལ་མཚོན་ན་ཆེས་དགའ་བསུ་ཐོབ་པ་ནི་མཆོད་མེ་དྲ་བ་དང་བོད་ཀྱི་སྐད་ཡིག་དྲ་བ་གཉིས་རེད། དེ་གཉིས་ལ་རང་དབང་གི་བར་སྟོང་ཡོད་པས་རེད།  ཆེས་གསར་བའི་བརྟག་ཞིབ་མཇུག་འབྲས་ལས་མཚོན་པ་ཡིན་ན།  དྲ་རྒྱ་སྟེང་གི་ཆེད་ལས་དྲ་བ་དག་ནི་སྣ་འཛོམས་དྲ་བ་ལས་ཆེས་ཆེར་དགའ་བསུ་ཐོབ་པ་རེད།  དཔེར་ན། མི་སུ་ཡིན་རུང་རྒྱུན་པར་འཚོ་བའི་ཁྲོད་དངོས་པོ་ག་གེ་མོ་ཞིག་ཉོ་དགོས་ཚེ།  དེས་ཐད་ཀར་དུ་ཆེད་ཚོང་ཁང་དུ་དངོས་པོ་འདེམས་ཉོ་བྱེད་པ་ལས་སྣ་འཛོམས་ཚོང་ཁང་དུ་སོང་ནས་དངོས་རྫས་རིགས་མང་པོ་ནས་འཚོལ་བའི་ངལ་བ་དེ་བྱེད་རྒྱུ་མིན་ལས་ཆེ།    གཉིས མདུན་ཤོག་གི་ཇུས་འགོད།  འདི་ནི་ལྷུ་ཚིགས་ཆེས་གཙོ་བོ་ཞིག་ཡིན་པས་ཕྱོགས་ཡོངས་ནས་དྲ་ཚིགས་ཀྱི་ལེ་ཚན་དང་འབྲེལ་མཐུད་སྒྲིག་གཞི། པར་ངོས་བཀོད་སྒྲིག་སོགས་ལ་བསམ་བློ་བཏང་རྗེས་ད་གཟོད་བཟོ་སྐྲུན་བྱེད་དགོས་པ་ཞིག་ཡིན། ཀློག་པ་པོ་རྣམས་དྲ་ཚིགས་གང་རུང་ཞིག་གི་ཁ་ཕྱེ་མ་ཐག་ཐོག་མར་མིག་ལམ་དུ་མངོན་པ་ནི་མདུན་ཤོག་ཡིན་པ་དང་དེས་དྲ་ཚིགས་དེའི་ཐོག་མའི་སྣང་བརྙན་ཡང་མཚོན་ཐུབ་སྟབས་ཀློག་པ་པོ་དེ་ལ་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་མིན་དང་དགའ་བསུ་ཐོབ་མིན་ལ་རག་ལས་པས། མདུན་ཤོག་གི་ཇུས་འགོད་དང་བཟོ་སྐྲུན་ནི་མཐོང་ཆེན་དང་ཞིབ་ཚགས་ལྡན་དགོས་པ་ཞིག་ཡིན། སྤྱི་བཏང་དུ་མདུན་ཤོག་ཇུས་འགོད་བྱེད་པར་གཤམ་གྱི་ལྷུ་ཚིགས་འགའ་ལྡན་དགོས་ཏེ།  (1)པར་ངོས་བཀོད་སྒྲིག (2) ཁ་དོག་གི་སྡེབ་སྒྲིག (3) ཡིག་གཟུགས་འདེམས་པ། (4)ཞིབ་གསལ་དག་གསུམ་ཐོན་དུ་འཇུག་པ། (5) བཤར་ལྟ་ཆས་མི་འདྲ་བ་དང་དབྱེ་འབྱེད་ཕྱོད་མི་འདྲ་བའི་ནང་གི་འཆར་སྟོན་ཕན་ཕྱོད་བསམ་བློ་གཏོང་བ། (6)bannerཇུས་འགོད་བྱེད་པ། (7) གསལ་བྱང(标签)བཟོ་བ་བཅས་ཡིན།   མདུན་ཤོག་ནི་རྩ་བའི་སྟེང་ནས་བཤད་ན་དྲ་ཚིགས་ཀྱི་ནང་དོན་ཡོངས་ཀྱི་དཀར་ཆག་ལྟ་བུ་ཡིན་པས།མགོ་ཤོག་བཟང་བོ་ཞིག་ཇུས་འགོད་བྱེད་དགོས་ན་སྤྱིར་བཏང་དུ་རྒྱུད་རིམ་འགའ་ལྡན་དགོས་ཏེ།   1.མདུན་ཤོག་གི་བྱེད་ནུས་གཏན་འཁེལ་བྱེད་པ། 
   མདུན་ཤོག་གི་ནང་དོན་ཚན་རྡོག(内容模块)ནི་མདུན་ཤོག་སྟེང་མཚོན་པར་བྱེད་པའི་ནང་དོན་གཙོ་བོ་དང་བྱེད་ནུས་གཙོ་བོ་དག་ལ་ཟེར་ཞིང༌། སྤྱིར་བཏང་གི་དྲ་ཚིགས་ཚང་མར་དྲ་ཚིགས་ཀྱི་མཚན་བྱང(logo)དང༌། བརྡ་ཁྱབ(banner)།  གདམ་ཐོ་གཙོ་བོ(menu)།  གསར་འགྱུར(what`s new)།  བཤེར་འཚོལ(search)།  མཛའ་མཐུན་དྲ་སྦྲེལ(links)།  གྲངས་རྩི་ཡོ་ཆས(count)།  ཡིག་ཟམ་གསལ་ཐོ(maillist)།པར་དཔང(copyringt)བཅས་ལྡན་དགོས་པ་དང༌། དེ་ལས་གཞན་པའི་བྱེད་ནུས་ཚན་རྡོག་ཁ་སྣོན་བྱེད་དགོས་ཚེ་མདུན་ཤོག་ཇུས་འགོད་བྱེད་དུས་ཐོག་མ་ནས་གཏན་འཁེལ་བྱེད་དགོས།
   2.མདུན་ཤོག་གི་པར་ངོས་ཇུས་འགོད་བྱེད་པ།  བྱེད་ནུས་ཚན་རྡོག(功能模块)གཏན་འཁེལ་བྱས་རྗེས་མདུན་ཤོག་གི་པར་ངོས་ཇུས་འགོད་བྱེད་པར་འགོ་བརྩམས་དགོས་ཏེ།དཔེར་ན། ཤིང་བཟོ་ཞིག་གིས་ཁང་བ་བཟོ་བར་ཤིང་ཆ་རེ་རེའི་རིང་ཐུང་དང་སྤོམ་ཕྲ་ལ་དམིགས་ནས་རྒྱུ་ཆ་གདམས་གསེས་བྱེད་པ་དང་དེ་རྗེས་རྒྱུ་ཆ་དང་བསྟུན་ནས་ལས་ཀའི་མགོ་ཚུགས་པ་ཇི་བཞིན། པར་ངོས་ཇུས་འགོད་བྱེད་དུས་ཀྱང་ཐོག་མར་ཤོག་ངོས་སུ་སྐབས་བབས་ཀྱི་དགོས་མཁོ་དང་བསྟུན་ནས་དཔེ་རིས་ཙམ་བཀོད་རྗེས་དྲ་ངོས་བཟོ་སྐྲུན་གྱི་མཉེན་ཆས་སོགས་བཀོད་ནས་བཟོ་དགོས།  3.ལག་རྩལ་ཕྱོགས་ཀྱི་ཞིབ་ཆ་ཐག་གཅོད་བྱེད་དགོས། འདི་ནི་དེ་སྔོན་བཟོས་པའི་གཙོ་ངོས་དེ་བཤར་ལྟ་ཆས(浏览器)མི་འདྲ་བ་དང་དབྱེ་འབྱེད་ཕྱོད(分辨率)མི་འདྲ་བའི་ཁྲོད་དབྱིབས་མི་འགྱུར་པ(ཧི་མ་ལ་ཡའི་ཡིག་གཟུགས་ལ་གནད་དོན་འདི་འབུར་ཐོན་ཡིན)དང༌། བྱེད་ནུས་མི་ཤོར་བ་བྱེད་རྒྱུ་མ་ཟད།ཡིག་གཟུགས་གང་ཞིག་འདེམས་རྒྱུ་དང་ཚད་གཞི་གང་ལྟར་ཇུས་འགོད་བྱེད་རྒྱུ(པཎཊི་ཏ་དང་དོན་ཡོད་ཡིན་ན་རྒྱལ་ནང་གི་ཚད་གཞི་དང་ཧི་མ་ལ་ཡ་དང་རྨ་ཆེན་སོགས་ཡིན་ན་རྒྱལ་སྤྱིའི་ཚད་གཞིUNICODEཡིན་དགོས)སོགས་ཡིན།  མདུན་ཤོག་ཇུས་འགོད་བྱེད་རྒྱུ་ནི་དྲ་ཚིགས་ཇུས་འགོད་བྱེད་པའི་གནད་འགག་དང་དཀའ་གནད་ཀྱང་ཡིན་པས་བཟོ་སྐྲུན་བྱེད་པའི་གོ་རིམ་ཁྲོད་ལག་རྩལ་ཕྱོགས་ཀྱི་ཞིབ་ཆ་ཐག་གཅོད་བཟང་བོ་བྱེད་རྒྱུ་ནི་ཧ་ཅང་གཙོ་བོ་ཞིག་རེད།  གསུམ དྲ་ཚིགས་ཀྱི་སྣང་བརྙན་གནས་ཐིག་གཏན་འཁེལ་བྱེད་དགོས།  ཕུལ་དུ་བྱུང་བའི་དྲ་ཚིགས་ནི་དངོས་རྫས་ཤིག་དང་འདྲ་བར་དེའི་ཁྱོན་ཡོངས་ཀྱི་སྣང་བརྙན་ལ་ཐུམ་སྒྲིལ་དང་ཇུས་འགོད་བྱེད་དགོས་ཏེ།  གནད་དུ་འཁེལ་བ་དང་གསར་སྐྲུན་རང་བཞིན་ལྡན་པའི་སྣང་བརྙན་ཇུས་འགོད་བྱེད་རྒྱུ་དེ་དྲ་ཚིགས་ཀྱི་དྲིལ་སྒྲོག་ནུས་པ་ཁྱབ་གདལ་དུ་གཏོང་བར་བྱེད་ནུས་གལ་ཆེན་ཐོན་པ་རེད།  དྲ་ཚིགས་ཀྱི་བརྗོད་སྙིང་དང་མཚོན་བྱང་གཏན་འཁེལ་བྱས་རྗེས། བསམ་གཞིགས་གཏོང་དགོས་པ་ཞིག་ནི་དྲ་ཚིགས་ཀྱི་སྣང་བརྙན་ཡིན་ལ་དྲ་ཚིགས་གང་དེའི་རང་རང་གི་ཁྱད་ཆོས་ལྡན་པའི་སྣང་བརྙན་སྐྲུན་དགོས་ཏེ། 
   1.དྲ་ཚིགས་ཀྱི་མཚོན་རྟགས་ཇུས་འགོད་བྱེད་དགོས(logo)།     འདི་ནི་ཐོན་རྫས་ཤིག་གི་ཚོང་རྟགས་ཇི་བཞིན་དྲ་ཚིགས་ཀྱི་ཁྱད་ཆོས་དང་ནང་དོན་རྣམས་གཅིག་བསྡུས་སྒོས་མཚོན་པར་བྱེད་དགོས།  མཚོན་རྟགས(logo)དེ་ཡི་གེ་དང་གསལ་བྱེད་མཚོན་རྟགས། དཔེ་རིས་སོགས་གང་ཡིན་ཡང་ཆོག མཚོན་རྟགས་ཀྱི་ཇུས་འགོད་གསར་སྐྲུན་དེ་དྲ་ཚིགས་ཀྱི་མཚན་བྱང་དང་ནང་དོན་ལས་མཚོན་པར་བྱེད་དགོས།
   2.དྲ་ཚིགས་ཀྱི་ཚད་ལྡན་ཁ་དོག་ཇུས་འགོད་བྱེད་དགོས། དྲ་ཚིགས་ཀྱིས་ཀློག་པ་པོར་ཐོག་མའི་བག་ཆགས་བཟང་བོ་འཇོག་པ་ནི་གཙོ་བོ་མིག་ཤེས་ཡིན་སྟབས།  དྲ་ཚིགས་ཀྱི་ཚད་ལྡན་ཁ་དོག་གཏན་འཁེལ་བྱེད་རྒྱུ་ནི་གོམ་རིམ་གལ་ཆེན་ཞིག་རེད། ཁ་དོག་གི་སྡེབ་སྒྲིག་མ་འདྲ་ན་དེ་ལས་ཐོན་པའི་ཡག་ཉེས(效果)ཀྱང་མི་འདྲ་ལ་ཐད་ཀར་དུ་ཀློག་པ་པོའི་སྣང་ཁམས(情绪)ལ་ཤུགས་རྐྱེན་བཟོ་སྲིད་པ་རེད། "ཚད་ལྡན་གྱི་ཁ་དོག"ནི་དྲ་ཚིགས་ཀྱི་སྣང་བརྙན་དང་ནང་དོན་མཚོན་པར་བྱེད་པའི་དམ་རྟགས་ལྟ་བུ་ཡིན་སྟབས།  དཔེར་ན། IBMནི་སྔོ་ནག་དངWINDOWSསྒེའུ་ཁུང་གི་མཚོན་རྟགས་ཁྲོད་ཀྱི་དམར་སྔོ་སེར་ལྗང་གི་མདོག་ལེབ(色块)ཚང་མ་ནི་ང་ཚོའི་མཐོང་སྣང་དུ་ཆེས་ཉེ་པ་ཡིན། ཚད་ལྡན་གྱི་ཁ་དོག་དེ་དྲ་ཚིགས་ཀྱི་མཚོན་རྟགས་དང་མཚན་བྱང༌།  གདམ་ཐོ་གཙོ་བོ།  སྤྱི་ཐད་ཀྱི་ཁ་དོག་བཅས་ལ་བཀོལ་ནས་མི་རྣམས་ལ་ཕྱོགས་ཡོངས་དང་གཅིག་བསྡུས་ཀྱི་སྣང་བ་ཞིག་སྟེར་རུ་འཇུག་དགོས།  འདིར་ཁ་དོག་གཞན་གཏན་ནས་མི་བཀོལ་བའམ་འདྲེས་མི་རུང་ཞེས་པའི་དོན་མིན་ཏེ། ཚན་ལྡན་ཁ་དོག་སྟེང་ཁ་དོག་གཞན་ཉུང་ཙམ་བཀོལ་ན་རྒྱན་སྤྲས་དང་འབུར་ཐོན་ཡོང་བར་ནུས་པ་ལྡན་པ་རེད།ཡིན་ཡང་ཁ་དོག་གི་གཙོ་ཕལ་དབྱེ་བར་རྩིས་མཐོང་བྱེད་དགོས། 3.དྲ་ཚིགས་ཀྱི་ཚད་ལྡན་ཡིག་གཟུགས་ཇུས་འགོད་བྱེད་པ། ཚད་ལྡན་གྱི་ཡིག་གཟུགས་འདི་ཚད་ལྡན་གྱི་ཁ་དོག་དང་འདྲ་བར་དྲ་ཚིགས་ཀྱི་མཚོན་རྟགས་དང་མཚན་བྱང༌། གདམ་ཐོ་གཙོ་བོ་བཅས་ལ་བཀོལ་བའི་ཆེད་དམིགས་ཀྱི་ཡིག་གཟུགས་ཡིན།  སྤྱིར་བཏང་དུ་རྒྱ་ཡིག་དྲ་ངོས་ཀྱི་ངོས་ལེན(默认)ཡིག་གཟུགས་ནི宋体ཡིན་ལ། བོད་ཡིག་ལ་མཚོན་ན་པཎཊི་ཏ་དང་དོན་ཡོད། ཧྥང་ཀྲིན། ཧི་མ་ལ་ཡ་སོགས་ཡོད་པས་དྲ་ཚིགས་ཀྱི་དགོས་མཁོ་ལྟར་འདེམས་ཆོག་ཀྱང༌།  སྔོན་མ་གསུམ་ནིVISTAམ་ལག་མ་ཐོན་སྔོན་ལ་རྒྱུགས་ཆེ་བའི་བོད་ཡིག་ཡིག་གཟུགས་ཡིན་ཞིང་དེ་ནི་རྒྱ་ཡིག་གི་ཡིག་མཛོད་ལྷག་མའི་སྟེང་བཟོས་ཡོད་པས་རྩིས་འཁོར་རང་སྟེང་དུ་ཡིག་གཟུགས་དེ་དག་མེད་སྟབས་ཡིག་གཟུགས་ཟུར་དུ་སྒྲིག་འཇུག་བྱེད་དགོས་པའམ་དྲ་ངོས་ནསEOTཡིག་འཆར་ལག་རྩལ་བཀོལ་དགོས། HIMALAYAཡིག་གཟུགས་ནིVISTAམ་ལག་ཁྲོད་རང་ཁུར་བྱས་ཡོད་པའི་རྒྱལ་སྤྱིའི་ཚད་ལྡན་གྱི་ཡིག་གཟུགས་ཡིན་སྟབས་གོང་གི་འགག་རྐྱེན་དེ་དག་མེད་པ་དང་དྲ་ངོས་ཀྱི་རྒྱུ་ཆ་མཉམ་སྤྱོད་བྱེད་བདེ་བ་དང་མཉེན་ཆས་གང་རུང་ནས་རམ་འདེགས་བྱེད་ཐུབ་པས་ཡིག་གཟུགས་གསར་བ་དེ་བཀོལ་ན་མ་འོངས་བར་ལས་ཀ་བསྐྱར་ལས་བྱེད་མི་དགོས་ལ་བོད་ཡིག་གི་ཆ་འཕྲིན་ལག་རྩལ་གོང་སྤེལ་དུ་གཏོང་བར་མདུན་ལྗོངས་རྒྱ་ཆེན་ལྡན་པ་རེད། 4. དྲ་ཚིགས་ཀྱི་དྲིལ་སྒྲོག་སྦྱར་ཡིག(宣传标语)ཇུས་འགོད་བྱེད་པ།      དྲིལ་སྒྲོག་སྦྱར་ཡིག་ནི་དྲ་ཚིགས་ཀྱི་གསོན་ཤུགས་དང་དམིགས་འབེན་ཡིན་པས། འདི་ལ་ཚིག་གཅིག་གམ་མིང་བརྡ་གཅིག་གིས་ཚད་མཐོན་པོའི་སྒོ་ནས་སྙིང་བསྡུས་བྱས་ཆོག་པ་ཡིན། གོང་གི་མཚོན་རྟགས་དང་ཁ་དོག  ཡིག་གཟུགས།  སྦྱར་ཡིག་བཅས་ནི་དྲ་ཚིགས་གཅིག་གི་སྣང་བརྙན་གསར་བཞེངས་བྱེད་པའི་གནད་འགག་ཡིན་པས་དྲ་ཚིགས་ཕྱི་ངོས་ཀྱི་རྩོམ་ཡིག་དང་ཇུས་འགོད་བྱས་པ་ལེགས་འགྲུབ་བྱུང་ན་དྲ་ཚིགས་ཀྱི་ཕྱོགས་ཡོངས་ཀྱི་སྣང་བརྙན་སྔར་ལས་མཐོ་རུ་འདེགས་ཐུབ།  བཞི།  དྲ་ཚིགས་ཀྱི་ལེ་
ཚན་དང་པང་ངོས(栏目和板块)གཏན་འཁེལ་བྱེད་པ། དྲ་ཚིགས་བཟོ་བ་ནི་རྩོམ་ཡིག་གཅིག་འབྲི་བ་ནང་བཞིན།  ཐོག་མར་བརྗོད་དོན་གནད་བསྡུས་ཤིག་བློ་ཁོག་ཏུ་ཤར་ཚེ་ད་གཟོད་བརྗོད་སྙིང་འབུར་ཐོན་དང་སྒྲིག་རིམ་ཁ་གསལ་ཡོང་ཐུབ་པས།  དྲ་ཚིགས་ཀྱི་སྒྲིག་གཞི་གསལ་བོ་མིན་པ་དང་དཀར་ཆག་བཀོད་པ་རྙོག་འཛིང་ལྡན་པ། བརྗོད་བྱ་ཉ་ཉོག་ཡིན་པ་བཅས་ཀྱིས་ཀློག་པ་པོར་འགོ་རྙོག་བར་བྱེད་པ་མ་ཟད། རྩོམ་སྒྲིག་པ་དང་ལག་རྩལ་པ་དག་གི་རྩོམ་ཡིག་རྩོམ་སྒྲིག་དང་དྲ་ཚིགས་བདག་སྐྱོང་བྱེད་པར་དཀའ་ཁག་མང་པོ་བཟོ་སྲིད་པས་དྲ་ཚིགས་དེ་ཉམས་རྒུད་དུ་འགྱུར་ཉེན་ཆེ་བ་རེད།  དེ་བས།   དྲ་ཚིགས་ཀྱི་ལེ་ཚན་དང་པང་ངོས་གཏན་ཁེལ་བྱེད་པར་ཐོག་མར་དཔྱད་བསྡུར་བྱས་ཏེ་དྲ་ཚིགས་ཀྱི་བརྗོད་བྱ་གཏན་ཁེལ་བྱས་རྗེས་འབྲེལ་ཡོད་དཔྱད་གཞིའམ་རྒྱུ་ཆ་བསྡུ་རུབ་དང་རྩ་འཛུགས་བྱས་ཏེ་ལེ་ཚན་རེ་རེའི་གནས་ས་དང་འཆར་སྟངས། ལེ་ཚན་གྱི་གཙོ་ཕལ་དབྱེ་བ། དེ་མིན་ནང་དོན་གཙོ་བོ་ཅན་དང་སྙིང་བསྡུས་ཅན་རྣམས་པར་ངོས་སྟེང་གི་གནས་ས་བཀོད་སྒྲིག་བྱེད་རྒྱུ་དེའང་གལ་ཆེ་བའི་ནང་དོན་ཞིག་རེད།  ལེ་ཚན་གྱི་དོན་དངོས་ནི་དྲ་ཚིགས་ཤིག་གི་རྩ་གནད་དང་བསྡུས་དོན་ཡིན་སྟབས(大纲索引)།  བསྡུས་དོན་དེས་དྲ་ཚིགས་དེ་གའི་བརྗོད་སྙིང(主题) འབུར་ཐོན་དང་གསལ་མཚོན་ཡོང་བར་བྱེད་དགོས་ལ།  ལེ་ཚན་གཏན་ཁེལ་བྱེད་སྐབས་རང་འདོད་ལྟར་མི་བྱེད་པར་ཞིབ་ཏུ་བསམ་བློ་བཏང་སྟེ་འོས་འཚམས་གྱིས་བཀོད་སྒྲིག་བྱེད་དགོས།  སྤྱིར་བཏང་དུ་དྲ་ཚིགས་ཤིག་གི་ལེ་ཚན་བཀོད་སྒྲིག་བྱེད་སྐབས་གཤམ་གྱི་ཕྱོགས་འགའ་ལ་གཟབ་ནནབྱེད་དགོས་ཏེ། 
1.བརྗོད་སྙིང་དང་དམ་དུ་འབྲེལ་བ། བརྗོད་སྙིང་དང་འབྲེལ་ཏེ་བྱེད་ཐབས་ངེས་ཅན་བཀོལ་ནས་རིགས་དགར(分类)དགོས་པ་མ་ཟད་ལེ་ཚན་དེ་དག་དྲ་ཚིགས་ཀྱི་ལེ་ཚན་གཙོ་བོར་བྱེད་དགོས། བརྗོད་སྙིང་ཡིན་པའི་ལེ་ཚན་གྱི་ཁ་གྲངས་དེ་སྤྱིའི་ལེ་ཚན་ཡོངས་ཀྱི་གྲངས་མང་པོ་ཞིག་ཟིན་པར་བྱས་ཏེ་དྲ་ཚིགས་ཀྱི་ཆེད་ལས་ཁྱད་ཆོས་གཙོ་བོ་ནས་བརྗོད་སྙིང་འབུར་ཐོན་ཡོང་ཐུབ་ཚེ།  ཀློག་པ་པོ་རྣམས་དགའ་བསུ་ཐོབ་ངེས་པ་དང་བག་ཆགས་ཟབ་མོ་འཇོག་ཐུབ་པ་རེད། 
2.ཉེ་དུས་གསར་བསྒྱུར་བྱས་པ་དང་དྲ་ཚིགས་ཕྱོགས་སྟོན་བྱེད་པའི་ལེ་ཚན་འཛུགས་དགོས། འདི་ལྟར་བྱེད་པའི་དམིགས་ཡུལ་ནི་རྒྱུན་པར་ཡོངབའི་ཀློག་མཁན་རྣམས་ལྟོས་མ་ཐག་དྲ་ངོས་ཀྱི་ནང་དོན་གསར་བསྒྱུར་བྱས་པ་ཐད་ཀར་དུ་ཤེས་པས་གཙོ་ངོས་དེ་མི་གཤིས་ཅན་(人性化)དུ་གྱུར་བ་རེད།       3.ཕྱོགས་གཉིསཀློག་པ་པོ་དང་དྲ་ཚིགསཀྱིས་བརྗེ་རེས་བྱེད་ཆོག་པའི་ལེ་ཚན་བཀོད་སྒྲིག་བྱེད་དགོས།  འདི་ལ་ལེ་ཚན་ནམ་པང་ངོས་མང་མི་དགོས་མོད། གཅིག་གམ་གཉིས་ངེས་པར་དུ་ཡོད་དགོས། དཔེར་ན། གླེང་སྟེགས། ཆེམས་འཇོག་ས། གློག་རྡུལ་ཡིག་ཟམ། དཔྱད་གཏམ་སྤེལ་ས་སོགས་རེད། ལེ་ཚན་འདི་དག་བཞག་ཚེ། ཀློག་པ་པོ་དག་ལའང་རང་ཉིད་ཀྱི་ནུས་པ་འདོན་པའི་བར་སྟོང་ཤིག་སྐྲུན་ཡོད་པ་མ་ཟད། ཕན་ཚུན་བར་བསམ་བློ་བརྗེ་རེས་དང་ནུས་ཁུངས(资源)མཉམ་སྤྱོད་བྱེད་པའི་དགེ་མཚན་བླ་ལྷག་ལྡན་པ་རེད།